༄༅། །ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།

༄༅། །དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་ཏི་ཛུའི་རང་བདེན་ཚོགས་ཆུང་གི་ཚོགས་ཟུར་བསོད་ནམས་རིན་ཆེན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༧ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་བསྟན་འཛིན་རྣམ་གྲོལ་ལགས་དང་། ཚོགས་གཞོན་ངག་དབང་དགེ་ལེགས་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །

Menu