སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་ཚན་དང་འབྲེལ་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཤེས་ཡོན་ལྟ་སྐོར་དུ་བཅར་བཞུགས་ཆོག་པའི་འབོད་བསྐུལ་ཞུས་པ་བཞིན། ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཚོུད་ ༡༠༌༠༠ ཐོག་རྒན་ངག་དབང་ཆོས་བཟང་ལགས་ཀྱི་འོག་འཁྲིད་པའི་འཛིན་རིམ་བརྒྱད་པའི་སློབ་མ་གྲངས་ ༤༨ བཅས་ནས་སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཡིག་ཚང་དུ་ལྟ་སྐོར་ཞུས་འདུག
སྐབས་དེར་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་མཆོག་ནས་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ངོ་སྤྲོད་གནང་བ་དང་། དེ་བཞིན་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ངོ་སྤྲོད་དང་། བོད་མིའི་ཁྲིམས་ཞིབ་ཁང་གོང་འོག་རྣམས་ཀྱི་ངོ་སྤྲོད། ས་གནས་ཀྱི་གཏུག་བཤེར་ཁང་ངོ་སྤྲོད་མཉམ་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ངོ་སྤྲོད། དེཔ་མཚོན་དང་འབྲེལ་གཏུག་བཤེེར་གྱི་བྱ་རིམ་བཅས་ཀྱི་གོ་རྟོགས་སྤེལ། དེ་མཚུངས་སློབ་མ་ཁག་ཅིག་གི་དྭོགས་འདྲི་བྱུང་བ་རྣམས་ལ་ལན་འདེབས་གསལ་བཤད་ཡང་གནང་འདུག་པའི་གནས་ཚུལ་དུ། །