༄༅། །མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་དགུ་པའི་ལས་ཁུར་དམ་འབུལ།

༄༅། །མོན་གྷོ་འདོད་རྒུ་གླིང་ས་འཐུས་སྐབས་དགུ་པའི་ལས་ཁུར་དམ་འབུལ།

མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་དགུ་པ་འོས་བསྡུ་ཟིན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༨ ཉིན་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་པ་བཀྲ་ཤིས་དབང་འདུས་ལགས་ཀྱི་མདུན་དུ་ས་གནས་འཐུས་ཚོགས་སྐབས་དགུ་པའི་འཐུས་མི་གྲངས་ ༣༣ ཁོངས་ནས་འཐུས་མི་གྲངས་ ༢༩ ཡིས་དམ་འབུལ་བྱས་ཡོད་པ་དང་། འཐུས་མི་རང་ཁོངས་ནས་ཚོགས་གཙོ་བསོད་ནམས་རྡོ་རྗེ། ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་བདམས་ཐོན་བྱུང་བ་འོས་བསྡུའི་སྒྲིག་གཞི་དོན་ཚན་དོན་བཞི་པའི་དགོངས་དོན་གཞིར་བཟུང་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་ཁུར་དམ་འབུལ་བྱས་འདུག་པ་བཅས་ཀྱི་གསར་གནས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༤ ལ། །IMG_8768IMG_8776IMG_8801