༄༅། །ཌོ་ལན་ཇི་བོན་གཞིས་ས་གནས་འཐུས་ཚོགས་སྐབས་ ༩ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།

༄༅། །དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ལས་རིན་ཆེན་བཟང་མོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༢༧ ཉིན་བོན་གཞིས་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ ནས་ཚོགས་མི་ ༩ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་གཡུང་དྲུང་འཆི་མེད་ལགས་དང་། ཚོགས་གཞོན་རིན་ཆེན་རྒྱལ་མཚན་ཨ་ཀྲོང་ལགས་བཅས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །