ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

ཀ།  ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད་པའི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

༡།  འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་གང་ཞིག་ལ་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་བའི་རིགས།

༢།  བོད་མིའི་སྒྲིག་འཛུགས་དང་༌། བོད་མིའི་གནས་ཡུལ་ས་གནས་སྒྲིག་འཛུགས་གཅིག་གམ། དེ་ལས་མང་བའི་དབར་གྱི་རྩོད་གླེང་༌།

༣།  བོད་མིའི་གནས་ཡུལ་ས་གནས་སྒྲིག་འཛུགས་གཉིས་སམ། དེ་ལས་མང་བའི་དབར་གྱི་རྩོད་གླེང་༌།

༤།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བགྱིས་པའི་ཁྲིམས་སྒྲིག་ཁག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་གི་ཆ་རྐྱེན་བཏོད་པའི་གྱོད་གཞི་རིགས།

༥།  ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དང་འགལ་བའི་ཆ་དེ་ཁྲིམས་ནུས་ལྡན་མིན་གྱི་རྩོད་གླེང་།

ཁ།  ཆེས་མཐོའི་ཁྲིམས་ཞིབ་ཁང་ལའང་ཡོད་པའི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད།

༡།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌་། ཁྲིམས་ཡིགཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང་༌།

༢།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་༌། ལས་འགན་ལ་གནོད་འགལ་དང་འབྲེལ་བའི་རྩོད་གླེང༌་།

༣།  བོད་མིའི་སྒྲིག་འཛུགས་མ་ལག་གི་ལས་བྱེད་པ་ཁག་གི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌་།

༤།  བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་དང་༌། དེ་དག་གི་ལས་བྱེད་པ་ཆེ་ཕྲའི་གཞུང་འབྲེལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་རྩོད་གླེང༌་།

ག།  དོན་ཚན་འདིའི་ནང་གསེས་ ཁ།  ནང་གསལ་གྱི་རྩོད་གླེང་རྣམས་དགོས་གལ་ཆེ་བའི་དམིགས་བསལ་རྒྱུ་མཚན་ཡོད་ན་མ་གཏོགས་ཐོག་མའི་གཏུག་བཤེར་ས་གནས་ཁྲིམས་ཞིབ་ཁང་དུ་བྱ་རྒྱུ་གཙོ་འདོན་བྱེད་དགོས་པ་དང༌། དགོས་གལ་ཆེ་བའི་དམིགས་བསལ་རྒྱུ་མཚན་ཡོད་མེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱས་ན་ཆོག་པ་ཡིན།