ཀ། སྐད་ཡིག་དང་།ཆས་གོས།
༡། བོད་མིའི་ཁྲིམས་ཞིབ་ཁང་གི་སྐད་ཡིག་ནི་བོད་སྐད་དང༌་། བོད་ཡིག་ཡིན།
༢། དཔང་རྟགས་ཀྱིས་མཚོན་ཐོག་མ་ཉིད་ནས་སྐད་ཡིག་གཞན་ནང་ཡོད་པ་ཕུད། དེ་མིན་ཡིག་ཆ་ཁག་བོད་ཡིག་ནང་དགོས་པ་ཡིན།
༣། ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་༌། འགྲོ་ལུགས། སྒྲིག་གཞི་བཅས་སྐད་ཡིག་གཞན་ཐོག་གཞུང་འབྲེལ་ཕབ་སྒྱུར་བྱས་པའི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ།
༤། ཁྲིམས་དུས་ཚུགས་སྐབས་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་དང་༌། བཤེར་དཔང༌་། ཁྲིམས་དྲུང༌་། ཁྲིམས་རྩོད་པ་བཅས་ནས་རང་ལུགས་བོད་ཆས་གྱོན་དགོས་རྒྱུ་བཅས་སོ།།