གོང་ཞུའི་ཁྲིམས་ཁོངས།

ཀ།  གོང་ཞུའི་ཁྲིམས་ཁོངས་ཁྱབ་ཚད་སྐོར་སྐྱོད་ཁྲིམས་ཞིབ་ཁང་ལ་ཡོད་པ། བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གང་རུང་ཞིག་ནས་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་བཏང་བར། དོ་བདག་གྱོད་ཡས་གོང་ཞུ་བྱ་འདོད་ཡོད་ལ་ཁྲིམས་ཡིག་གཞིར་བཟུང་གོང་ཞུ་བྱ་རྒྱུའི་ཆ་རྐྱེན་ལྡན་རིགས་ཀྱི་གོང་ཞུ་ཁག

ཁ།  ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོང་ཞུ།

༡།  བོད་མིའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་གང་རུང་ཞིག་གམ། སྐོར་སྐྱོད་ཁྲིམས་ཞིབ་ཁང་མ་བཙུགས་གོང་ས་གནས་ཁྲིམས་ཞིབ་ཁང་གང་རུང་ཞིག་བཅས་ནས་གྱོད་གཞི་ཐོག་མའི་གཏུག་བཤེར་ལ་མཐའ་མའི་བཅད་ཁྲ་བཏང་བར། དོ་བདག་གྱོད་ཡས་གོང་ཞུ་བྱ་འདོད་ཡོད་ལ་ཁྲིམས་ཡིག་ཁག་གཞིར་བཟུང་གོང་ཞུ་བྱ་རྒྱུའི་ཆ་རྐྱེན་ལྡན་རིགས་ཀྱི་གོང་ཞུ་ཁག

༢།  བོད་མིའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་གང་རུང་ཞིག་ནས་གོང་ཞུར་མཐའ་མའི་བཅད་ཁྲའམ། གོང་ཞུ་ངོས་བཞེས་བརྩི་མེད་ཀྱི་བཀའ་ཁྱབ་བཅས་གང་རུང་བཏང་བར། དོ་བདག་གྱོད་ཡས་གོང་ཞུ་ནས་གོང་ཞུ་བྱ་འདོད་ཡོད་ལ་ཁྲིམས་ཡིག་ཁག་གཞིར་བཟུང་དེ་ལྟར་བྱ་རྒྱུའི་ཆ་རྐྱེན་ལྡན་རིགས་ཀྱི་གོང་ཞུ་ནས་གོང་ཞུ་ཁག