སྐོར་སྐྱོད་ཁྲིམས་ཞིབ་ཁང་།

ས་གནས་ཁྲིམས་ཞིབ་ཁང་ཁག་ལས་རིམ་པ་མཐོ་བ་དང་། བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་ཕྱོགས་བགོས་བྱས་པའི་ས་ཁུལ་ཁག་ཡོངས་རྫོགས་སམ། ཁག་ཅིག་ལ་སྐོར་སྐྱོད་བྱེད་ཅིང་།  ས་གནས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱས་པའི་བཅད་ཁྲར་གོང་ཞུ་བྱ་ཡུལ་གྱི་ཁྲིམས་ཞིབ་ཁང་དེ་ཡིནཔ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་ནང་གསལ་སྐོར་སྐྱོད་ཁྲིམས་ཞིབ་ཁང་ལའང་ཡོད་པའི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་ཀྱི་ཁ་མཆུ་ཞུ་གཏུག་ཆེད། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་སྐོར་སྐྱོད་ཁྲིམས་ཞིབ་པ་བསྐོ་གཞག་གིས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཡང་ཐོག་ཏུ་བཙན་བྱོལ་བོད་མིའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་དེ་གསར་འཛུགས་བྱས་ཡོད།