བཀའ་དྲུང་ཡིག་ཚང་ནས་དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༠༧ ཚེས་ ༡ ནས་ཆེས་མཐོའི་ ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་དུ་བསྐོ་གཞག་བགྱིས་པའི་གནས་སྤོས་བཀོད་སྒྲིག་གསལ་བསྒྲགས་གནང་བ་ལྟར། དེ་རིང་ཚོུད་ ༡༢ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་སར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ནས་སྤྱི་ཁྱབ་ཁྲིམས་དྲུང་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་པ་དང་། དེའི་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་དང་ལས་བྱེད་ཡོངས་ནས་འཚམས་འདྲིའི་རྟེན་འབྱུང་མཇལ་དར་འབུལ་བཞེས་གནང་ཡོད། ཉིན་རྒྱབ་སྤྲོད་དཔང་དུ་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་དབུ་བཞུགས་ཐོག སྤྱི་ཁྱབ་ཁྲིམས་དྲུང་གསར་རྙིང་དབར་རྩིས་སྤྲོད་ལེན་གྱི་ཞུ་སྒོ་ཁག་ལེགས་གྲུབ་བྱུང་བའི་གསར་འགྱུར་སྙིང་བསྡུས་སུ། །