༄༅། །དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་མདུན་དུ་ལྷ་འབྲུག་ལགས་ནས་དྲ་ཐོག་བརྒྱུད་སྐོར་སྐྱོད་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཚོུད་ ༡༠ ཐོག་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམ་ཆེན་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ཕྱོགས་བཞུགས་སྤྱི་འཐུས་དང་། གཞུང་འབྲེལ་ས་གནས་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པ། ཁྲིམས་ཞིབ་པ་དང་ལྷོ་ཕྱོགས་ཁྲིམས་ཞིབ་ཁང་གི་ལས་བྱེད་བཅས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་ཚང་འཛོམས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་གྲུབ་མཚམས། སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་ཕུལ་ཏེ། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད།

དེ་རྗེས་ཚོགས་བཅར་བ་ཡོངས་ལ་གྲོ་སོ་ཕྱེ་མར་དང་། ཆང་ཕུད། གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ་སྐུ་མགྲོན་རྣམ་པས་རིམ་བཞིན་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་དང་། སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ལ་རྟེན་འབྲེལ་མཚོན་བྱེད་དང་རྟེན་འབྱུང་མཇལ་དར་སྒྲོན་ཏེ་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

Previous ༄༅། །ཏི་ཛུ་དར་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།