ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༡ ཉིན་ལ་དྭགས་གནམ་ཐང་དུ་ཕེབས་འབྱོར་བྱུང་མཚམས། ས་གནས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་གཙོས་པའི་ལ་དྭགས་བོད་ཁྱིམ་དབུ་འཛི་མཆོག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ཅིག་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་།
ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་ཀྱི་ལྔ་བཅུའི་དུས་སྟོན་རྗེས་དྲན་མཛད་སྒོའི་ཐོག་ཕེབས་ཞུགས་གནང་ཡོད། དེའི་ཞོར་དུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ད་ཡོད་ལས་ཁུངས་དང་ལས་ཁུངས་གསར་རྒྱག་གི་ལས་གཞི་འགྲོ་མུས་བཅས་ལ་གཟིགས་ཞིབ་གནང་ཡོད་པ་དང་ཆབས་ཅིག་ཁྲིག་སེ་དགོན་པར་གནས་གཟིགས་དུ་ཕེབས་ཡོད། ཚེས་ ༡༤ ཉིན་ལ་དྭགས་ནས་མཁའ་ལམ་བརྒྱུད་ཇཱ་མུ་དང་། ཇཱ་མུ་ནས་ཕྱིར་དྷ་ས་སུ་བདེ་འབྱོར་བྱུང་ཡོད་པ་བཅས། །



