༄༅། །ཕྱི་ལོ་ ༡༩༥༥ ལོར་ལྷོ་མདོ་མཁར་ཆོས་ཁྲི་སྟེང་པའི་མི་ཚང་དུ་ཕ་པདྨ་དབང་རྒྱལ་ལགས་དང་མ་ཚེ་རིང་དབྱངས་ལགས་གཉིས་ཀྱི་རིགས་མྱུག་ཏུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བོད་ནས་འབྲུག་བརྒྱུད་འབུམ་སྡེ་ལ་དང་། ཕྱི་ལོ་ ༡༩༦༢ ལོར་འབུམ་སྡེ་ལ་ནས་ལྡི་ལི་བརྒྱུད་ཨོ་རི་སར་འབྱོར། ཨོ་རི་ས་ནས་མ་སུ་རི་སློབ་གྲྭར་གནས་སྤོས་ཀྱིས་ཕྱི་ལོ་ ༡༩༧༣ ལོར་འཛིན་རིམ་ ༡༡ ཐོན། ཕྱི་ལོ་ ༡༩༧༥ ལོར་བཙན་བྱོལ་གཞུང་གི་སྲི་ཞུ་བའི་ཁོངས་སུ་འཛུལ་ཞུགས་ཀྱིས་ཐོག་མར་ཨོ་རི་སར་ཕྱི་ལོ་ ༡༩༧༩ བར་གཞིས་ལས་སྐད་དྲུང་དང་། ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༨༩ བར་བོད་གཞུང་ནང་སྲིད་ལས་ཁུངས་སུ་ལས་དོན་སྣེ་མང་གི་འགན་འཁུར་གནང་། ཕྱི་ལོ་ ༡༩༨༩ ནས་ ༡༩༩༢བར་ཀུ་ལུ་ས་གནས་འགོ་འཛིན་གྱི་ལས་འཁུར་བཞེས། ཕྱི་ལོ་ ༡༩༩༢ ནས་ཕྱི་ལོ་ ༡༩༩༤ བར་ས་ཁང་བདག་གཉེར་ཁང་གི་འགན་འཛིན་གནང་། ཕྱི་ལོ་ ༡༩༩༤ ནས་ ༡༩༩༥ བར་ཨ་རིར་ལོ་གཅིག་རིང་སློབ་སྦྱོང་དུ་བསྐྱོད།

ཕྱི་ལོ་ ༡༩༩༥ ནས་ཕྱི་ལོ་ ༡༩༩༨ བར་ལ་དྭགས་ལྷོ་བྱང་གཞིས་སྤྱིའི་ལས་འགན་བཞེས། ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་སྦེང་ལོར་ལྷོ་སྤྱིའི་ལས་འགན་བཞེས། ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༢ བར་བོད་གཞུང་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་གནང་། ཕྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༣ བར་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར། ཕྱི་ལོ་ ༢༠༠༣ ནས་ཕྱི་ལོ་ ༢༠༠༤ བར་ཚོགས་དྲུང་ལས་འཕར། ཕྱི་ལོ་ ༢༠༠༤ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས། ༢༠༠༥ བར་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ།ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྤྱི་ཁྱབ་ཁྲིམས་དྲུང་།ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་ ༢༠༡༣  ཟླ་ ༩ བར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་འགན་འཁུར་ཞུ་མུས་ཐོག་ཁྲིམས་ཞིབ་པ་གཞན་དུ་འདེམས་ཐོན་བྱུང་།

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༠༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༠༢ ནས་བགྲེས་ཡོལ་སྔ་སྣུར་དུ་ཕེབས།