༄༅། །མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།

༄༅། །དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ལྷོ་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་སྒྲོལ་མ་ལགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༥ ཚེས་ ༡༡ ཉིན་གྱི་མཛད་རིམ་ལྟར་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༣༣ ནས་ཚོགས་མི་ ༣༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་དང་། ཚོགས་གཞོན་ཨརྱ་བསྟན་འཛིན་ཕུན་ཚོགས་ལགས་བཅས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །

 

Previous ༄༅། །ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ཞིང་ནོར་ངག་དབང་རབ་ རྒྱལ་མཆོག་ལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་པ།