༄༅། །སྡེ་ར་ལྡུན་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།

༄༅། །དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་བྱང་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་དཔལ་ལྡན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་སྡེ་ར་ལྡུན་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༧ ནས་ཚོགས་མི་ ༡༥ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་དང་། ཚོགས་གཞོན་ཀརྨ་ཕུན་ཚོགས་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །

Previous འདེམས་ལྷན་ཚོགས་མི་ཆོས་དབྱིངས་དོན་གྲུབ་མཆོག་གི་ལས་ཁུར་དམ་འབུལ།